གླང་དར་མ། (འུ་དུམ་བཙན་པོ་ཡང་།)
༡༥༽ བློན་འབངས་ཀུན་རབ་ཏུ་དགའ་ནས། བཙན་པོ་འདི་ཉིད་དངོས་གནས་འཇོན་པོ་ཞིག་འདུག་ལ། རྒྱལ་ཁྲི་ནོན་པ་ཞིག་ཀྱང་འདུག་ཅེས་བསྔགས་བརྗོད་དང་འབྲེལ་ཁྲི་དར་མ་འུ་དམ་བཙན་པོ་ཞེས་གྲགས་སོ། །
༡༦༽ ལོ་པཎ་ཚོས་ཆོས་བློན་ཞིག་བདམས་མོད། སྦས་སྟག་སྣས་ཆོས་བློན་གྱིས་ལོ་པཎ་ཚོས་ཆོས་སྒྱུར་བ་སོགས་ཆོས་དོན་གྱི་འགན་ཁུར་ནས་གཙུག་ལག་ཁང་དུ་བཞུགས་ན་འོས་ཚུལ་ཞུས་ནས་ཕོ་བྲང་དུ་ཕེབས་རྒྱུ་བཀག
༡༧༽ དེ་ནས། པཎ་ཆེན་དཱནཤིལས། ལྷ་སའི་ཤར་རྨེ་རུ་ལྷ་ཁང་ནང་མཚམས་ལ་བཞུགས་ནས་ཛམ་ལྷ་བསྒྲུབས་ཏེ། ཙན་དན་གྱི་སྐུ་ལ་རྡོ་རྗེ་གཞུས་པས་གསེར་གྱི་གཏེར་ཁ་བརྡོལ།
༡༨༽ དེར་བཅོམ་ལྡན་འདས་ཁར་ས་པ་ཎི་སོགས་སྐུ་གསུང་ཐུགས་ཀྱི་རྟེན་དང་ལྷ་ཁང་བཅས་བཞེངས་འགོ་བརྩམས་ཏེ། ལྷ་ཁང་རྙིང་པ་དག་ཀྱང་ཞིག་གསོ་མཛད་དེ། ལོ་གཉིས་གསུམ་ནས་ལེགས་པར་གྲུབ།
༡༩༽ ལྷ་ཁང་གི་དགའ་སྟོན་སྐབས། བཙན་པོས། “དགེ་བ་འདི་དག་གིས། ཉི་མ་དང་ཟླ་བ་ཡོད་ཀྱི་བར་དུ་དམ་པའི་ཆོས་མི་འཇིག་པར་འགྲོ་བའི་བསོད་ནམས་ཀྱི་གཞིར་གྱུར་ཅིག” ཅེས་སྨོན་ལམ་ཕྱག་ཡིག་ཀྱང་གནང༌།